༄༅། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཁང་པ་གསར་བསྐྲུན་གྱི་འདྲ་དཔར།

  ད་ལྟ་བར་ས་ཁང་མིང་བསྒྱུར་དང་དཔལ་འབྱོར་གྱི་དཀའ་ངལ་ལ་རྐྱེན་པས་འཛུགས་བསྐྲུན་བྱེད་མ་ཐུབ་པར་ལུས་ཡོད། ད་ལམ་སྐབས་བཅིུག་པའི་རྒྱུན་ལས་རྣམས་ལ་མང་ཚོགས་ནས་རེ་བ་དང་ཡི་ཆེས་གནང་བ་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་ས་ཁང་ཐོག་འཛུགས་བསྐྲུན་བྱ་དང་བྱ་མུས་སུ་གནས་ཡོད་ཀྱང་འགྲོ་གྲོན་གྱི་ཐད་འདང་མིན་དཀའ་ངལ་འཕྲད་བཞིན་ཡོད་པ་ལགས་ན།   སླར་ཡང་དབུས་གཙང་ཆོལ་ཁའི་ཁྱབ་ཁུངས་སུ་ཡོད་པའི་ཚོགས་སྐྱིད་ཁག་དང་རྒྱ་ཆེའི་མི་མང་ལྷག་བསམ་རབ་ཏུ་ཕྱུག་པ་རྣམས་ནས་མཐུན་འགྱུར་ཞུ་རྒྱུ་ལས་མ་འདས་པར་སོང་། ཚང་མས་ད་རིང་ལན་གཅིག་དམིགས་བསལ་དགོངས་བཞེས་དང་ལྷག་བསམ་ཆེ་བསྐྱེད་ཀྱི་རང་ནུས་བློ་བཅད་ཀྱི་ཞལ་འདེབས་དང་བསྐྱེད་མེད་བུན་གཡར་བཅས་རྒྱ་མི་ཆུང་བ་ཞིག་གནང་སྐྱོང་ཡོང་བའི་འབོད་བསྐུལ་དང་འཛུགས་བསྐྲུན་ལས་གཞི་ཇི་ཙམ་སྒྲུབ་ཡོད་མེད་མཁྱེན་རྟོག་སླད་ཁང་པའི་འདྲ་དཔར་ཞིག་འདི་མཉམ་སྤྱན་འབུལ་ཞུས་ཡོད། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

 

 

 

keyboard_arrow_up