༄༅། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་ལས་ཁང་ནས་༸གོང་ས་མཆོག་གི་དབུས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་སོང་ཡོངས་དང། རང་རེ་དབུས་ས་གཉིས་ལས་དོན་དང་དབུས་གཙང་མི་མང་རྣམས་ཀྱི་ཚོགས་ཁང་གསར་བསྐྲུན་གྱིས་ཆེད་དུ་ཐུགས་དམ་ཞུ་འབྲས་སུ། སྲུང་མ་སྤྱིའི་འཕྲིན་བཅོལ། འབྱུང་བཞིའི་གཏོར་ཟློག ཀླུ་རྫོངས། རྒྱན་མཚན་རྩེ་མོའི་དཔུང་རྒྱན། བཀྲ་ཤིས་བརྩེགས་པ། ནོར་བུ་བཟང་པོའི་གཟུངས། ཞི་བའི་སྦྱིན་བསྲེགས། བཅས་མོ་འབྲས་སུ་བབ་པས་འདི་ག་དབུས་ལས་ཁང་ནས་ཞབས་རིམ་རྣམས་སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སེར་སྨད་ཡན་ལག་དྷ་ས་སྨྱུང་གནས་ལྷ་ཁང་གི་དགེ་འདུན་པ་རྣམས་ནས་དབུས་གཙང་ཚོགས་ཁང་ནང་དུ་སྲུང་མ་སྤྱིའི་འཕྲིན་བཅོལ། འབྱུང་བཞིའི་གཏོར་ཟློག ཀླུ་རྫོངས། རྒྱན་མཚན་རྩེ་མོའི་དཔུང་རྒྱན། བཀྲ་ཤིས་བརྩེགས་པ། ནོར་བུ་བཟང་པོའི་གཟུངས། བཅས་སྨིན་སྒྲུབ་གནང་། སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༤ ཉིན་བཙུན་དགོན་དགའ་ལྡན་ཆོས་གླིང་དུ་སྒྲོལ་མཆོག་རྒྱས་པ་སྨིན་སྒྲུབ་ཞུས། སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༥ ཉིན་དགའ་བྱང་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མེག་གྷན་ཡན་ལག་དགེ་འདུན་པ་རྣམས་ནས་ཞི་བའི་སྦྱིན་བསྲེགས་དབུས་གཙང་གི་ཚོགས་ཁང་མདུན་དུ་སྨིན་སྒྲུབ་ཞུས་པ་བཅས་ཞབས་རིམ་འདི་དག་གི་མཐུ་དང་སྦྱིན་རླབས་ལ་བརྟེན་ནས་རང་རེའི་འདོད་དོན་མྱུར་དུ་གྲུབ་པའི་སྨོན་ཚིག་དང་བཅས།

keyboard_arrow_up