ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༣ ཉིན་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་བའི་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུ་མཚོན་སླད་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། གསོལ་ཚོགས་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་འཇམ་མགོན་བསྟན་པའི་གསལ་བྱེད་སྐྱབས་རྗེ་ཀི་རྟི་ རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། མི་མང་བཅས་འདུ་འཛོམས་ཀྱིས་ཚོགས་འབུལ་སྨོན་ལམ་རྒྱས་པ་ཞིག་སྨིན་སྒྲུབ་ཞུས།

keyboard_arrow_up