སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཤར་ཨ་སམ་གྱི་ས་གནས་འགོ་འཛིན་གྱི་འགོ་ཁྲིད་འོག་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་སོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཨ་སམ་དང་(Megha Laya) མེ་ག་ལ་ཡཱའི་མངའ་སྡེའི་རྒྱལ་ས་ཤི་ལོང་ནང་ཉིན་གྲངས་དྲུག་རིང་མཛད་འཆར་ཆེད་ཆིབས་སྒྱུར་བསྐྱང་གཏན་འཁེལ་འདུག  དེ་ཡང་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༣ ཉིན་ (Martin luther Chirstian University) ཡི་ཤུའི་མཐོ་སློབ་མར་ཊིན་ལུ་ཐར་ཞེས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོར་ ཆིབས་སྒྱུར་བསྐྱང་སྟེ་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༤ ཉིན་ (Shillong) ཤི་ལོང་ས་གནས་ཀྱི་ སྤོ་ལོའི་རྩེད་ཐང་ཞིག་ཏུ་ས་གནས་དད་ལྡན་མི་དམངས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོ་ མཆོག་གིས་མཛད་པའི་ལག་ལེན་སོ་བདུན་མ་དང་སྒྲོལ་དཀར་གྱི་ཚེ་དབང་སྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་བསྐྱང་གཏན་འཁེལ་འདུག

 

keyboard_arrow_up