ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༧  ཉིན་དྷ་ས་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་བོད་བསྟན་སྲིད་དང་མི་རིགས་རང་དབང་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུ་མཚོན་སླད་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ།  དགོངས་མཆོད་སྨོན་ལམ་གྱི་ཚོགས་མགོན་དུ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ་དང་། མི་མང་བཅས་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་གསུངས་འདོན་གནང་མུར་རྣམ་གྲྭའི་དགེ་བསྐོས་ནས་ སྐྱབས་ཐོ་སྒྲོགས་སྦྱང་གནང་། འདུས་ཚོགས་སུ་བསྙེན་བཀུར་གསོལ་ཇ་བཞེས་བག་དང་སྐུ་འགྱེད་ཧིན་སྒོར་ ༥༠ རེ་དང་གསོལ་ཚོགས་བཅས་ཕུལ་ཏེ་བསྔོ་སྨོན་མཆོད་འབུལ་ཟབ་རྒྱས་ཞིག་སྨིན་སྒྲུབ་ ཞུས།

keyboard_arrow_up