༄༅།  །མཚུངས་མེད་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་ལྷན་རྒྱས་མཆོག་ལ།

ཆེད་ཞུ།

མཁྱེན་གསལ་བཞིན་འདི་ག་དབུས་སྤྱི་ཁྱབ་ལས་ཁང་གི་ཁང་པ་འཛུགས་བསྐྲུན་གྱི་ལས་གཞི་སྒྲུབ་ལ་ཉེ་བ་ལགས་པས། ལས་གཞི་དེར་ཁང་པ་ཐོགས་རྩེགས་ལྔ་ཡོད་པས་འོག་ཐོག་སུ་ཡིག་ཚང་དང་ཚོགས་ཁང་།  ལས་ཞོར་འཛིན་ཁང་བཅས་ཕུད།  དེ་མིན་ཐོག་རྩེགས་གཉིས་པ་དང་གསུམ་པ་བཞི་པ་བཅས་ལ་གསང་སྤྱོད་ཁྲུས་ཁང་སྦྲགས་མ་ཅན་ཁང་མིག་བརྒྱད་རེ་རྩིས་ཏེ་ཁང་མིག་ཉི་ཤུ་རྩ་བཞི་ཙམ་ཡོད་པ་དང་།  ཐོག་རྩེགས་ལྔ་པར་ཟ་ཁང་ཞིག་དང་བར་ཁྱམས་བཅས་ཡོད་པས། ཟ་ཁང་དང་མགྲོན་ཁང་གཉིས་བོགས་མར་གཏང་རྒྱུ་ཡིན་པ་ལགས་ན།  དབུས་གཙང་མི་མང་གི་འཚོ་བའི་ཆེད་བོགས་མ་དབུས་གཙང་གི་མི་རང་ལ་གཏོང་རྒྱུ་ཡིན།  དེ་ཡང་དབུས་གཙང་གི་མི་ཡིན་པ་གང་ཞིག་ལོ་གཅིག་གམ་གཉིས་རིང་གི་བོགས་གླ་སྔ་འདོན་དུ་སྡེབས་ལ་སྤྲོད་ཐུབ་མཁན་ཆ་རྐྱེན་གཙོས་ཆ་རྐྱེན་ཁག་འཛོམས་པ་ཞིག་གཏོང་རྒྱུ་ཡིན་པས། གང་ལ་ཞེས་ན་ད་ལྟའང་འཛུགས་བསྐྲུན་གྱི་དངུལ་སྤྲོད་བསྡ་དང་། འཛིན་ཆས་ཉོ་རྒྱུ་སོགས་ལ་འགྲོ་གྲོན་འདང་རེ་དཀའ་བར་བརྟེན་མ་དངུལ་འཁོར་བསྐྱོད་ཐད་ཐུགས་ཕན་ཏོག་ཙམ་གསོས་པའི་ཆེད་དུ་ཡིན་པས་དེ་དོན་དགོངས་འཇག་འཚལ། ས་གནས་ཁུངས་སོ་སོའི་མང་ཚོགས་ལ་ཟ་ཁང་བོགས་མར་གཏང་གི་ཡོད་པའི་གསལ་བསྒྲགས་མ་གོ་མ་ཐོས་མེད་པར་གནང་རོགས་ཞུ་རྒྱུ་དང་བོགས་མ་ལེན་མཁན་ཡོད་མེད་ཀྱི་བརྡ་ལེན་སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་༣༠ འགྱངས་མེད་གནང་བསྐྱོང་ཡོང་བ་ཞུ།

དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་རྒྱུན་ལས་ཁང་ནས།

keyboard_arrow_up