༄༅། མཚུངས་མེད་དབུས་གཙང་རྒྱ་ཆེའི་མང་ཚོགས་ཡོངས་ཀྱི་སྙན་ལམ་དུ།                                                                                                                                                                                                                                                                                   ཆེད་ཞུ།     དེ་ནས་དགོངས་པའི་མངའ་གསལ་བཞིན་རིང་མིན་ ༢༠༡༤ ཟླ་བ་ ༣ ནང་དབུས་གཙང་དབུས་རྒྱུན་ལས་སྐབས་ ༡༡ པའི་ལས་ཡུན་རྗོགས་ཀྱི་ཡོད་པ་དང་ཚོགས་ཆེན་ཐེངས་ ༡༣ པ་འདུ་སྐོང་བྱ་དགོས་ལ་བརྟེན་ ༢༠༡༤ ཟླ་ ༣ ཚེས་ ༣༠ རེ་གཟའ་ཉི་མའི་ཉིན་དབུས་གཙང་དབུས་རྒྱུན་ལས་ཀྱི་མགྲོན་ཁང་དང་ཚོགས་ཁང་བཅས་ཀྱི་ཁང་སྟོན་མཛད་སྒོ་དང་ཚེས་ ༣༡ ནས་ཟླ་བ་ ༤ ཚེས་ ༣ རེ་གཟའ་ལྷག་པ་བར་ཉིན་བཞིའི་རིང་ཚོགས་ཆེན་ཚོགས་གཏན་ཁེལ་ཡོད་པས་དབུས་གཙང་རྒྱ་ཆེ་སེར་སྐྱ་ཕོ་མོ་གང་མང་ཚོགས་འདུར་མཉམ་ཞུགས་ཐུབ་ཐབས་ཡོང་བ་དང་། འདི་མཉམ་ཚོགས་ཆེན་གྱི་གྲོས་གཞི་ཁག་ཡོད་པའི་ཐོག་མང་ཚོགས་ཀྱི་བསམ་ཚུལ་གནང་སྐྱོང་ཡོང་བ་ཞུ།  དབུས་གཙང་དབུས་རྒྱུན་ལས་ཁང་ནས།   སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༥ ལ་ཕུལ།

གྲོས་གཞི།                                                                                                                                                                                                                                                                    

 ༡༽བོད་མའི་བླ་ན་མེད་པའི་དབུ་ཁྲིད་དང་བླངས་དོར་ལམ་སྟོན་པ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་བཀའ་སློབ་ལམ་སྟོན་ཁག་གི་ཐོག་ལག་ལྟར་ཇི་ཞུས་དང་བྱེད་ཕྱོགས་སྐོར།

༢༽དབུས་གཙང་ཆོལ་ཁ་ནས་མི་ལོ་ ༣༦༩ ལྷག་གི་རིང་དགའ་ལྡན་ཕོ་བྲང་གཞུང་ལ་བློ་སྙིང་བྲང་གསུམ་གཏད་ནས་དབུ་འོག་དཔུང་འདེགས་ཞུས་པ་དང་དབྱེར་མེད་པར་བོད་མིའི་སྒྲིག་འཛུགས་ལའང་དབུ་འོག་དཔུང་འདེགས་ཞུ་ཕྱོགས་སྐོར།

༣༽སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུ་འཁོར་བའི་སྐབས་དབུས་གཙང་མི་མང་ནས་དམིགས་གསལ་བྱེད་ཕྱོགས་སྐོར།

༤༽དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ། དེ་བཞིན་རྩིས་ཞིབ་སྙན་ཐོ་བཅས་སྙན་སྒྲོན་གནང་རྒྱུ།

༥༽དབུས་གཙང་ཆོོལ་ཁའི་གཞོན་སྐྱེས་ཁག་ལ་གཟབ་སྦྱོང་དང་ཤེས་ཡོན་གྱི་མཐུན་རྐྱེན་དམིགས་བསལ་དགོས་རིགས། དེ་བཞིན་ཉམས་ཐག་ཁག་ལ་དམིགས་བསལ་བལྟ་རྟོགས་གནང་ཕྱོགས་ཇི་དགེའི་སྐོར།

༦༽དབུས་གཙང་ཆོལ་ཁུངས་བོད་ནས་གསར་དུ་འབྱོར་བ་རྣམས་ལ་སྣེ་ལེན་དང་བལྟ་རྟོགས་གནང་ཕྱོགས་ཇི་དགེའི་སྐོར།

༧༽དབུས་ཀྱི་དཔལ་འབྱོར་འདུ་འགོད་དང་སྟངས་འཛིན་ཞུ་ཕྱོགས་ཇི་དགེའི་སྐོར།

༨༽གོང་དུ་མ་གསལ་བའི་གལ་ཆེའི་བཀའ་བསྡུར་གནང་དགོས་རིགས་ལ་ཚོགས་གཙོའི་བཀའ་འཁྲོལ་དང་བསྟུན་བཀའ་བསྡུར་གནང་འོས་གནང་རྒྱུ།

༩༽སྐབས་ ༡༢ པའི་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་འོས་འདེམས་གནང་རྒྱུ་བཅས།

keyboard_arrow_up