ད་རིང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༥ ཉིན་རྒྱབ་ཕྱག་ཚོད་ ༢ ཐོག་སྦག་སུ་གསོལ་མགྲོན་ཁང་གི་མདུན་ཐང་གླིང་ག་རུ་དྷ་སར་རྟེན་གཞི་བྱེད་པའི་མདོ་སྟོད་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བསྟུན་༼མཁྲིས་ནད་ཀྱིས་ཟིན་པ་དག་ལ་ཕན་པའི་སྨན་མཆོག་ཀེ་ཏ་ཀ་འདོན་ཐེངས་ལྔ་པ༽ ཞེས་དེབ་ཆུང་ཞིག་ཀྱང་འགྲེམས་སྤེལ་གནང།  གསར་འགོད་གསལ་བསྒྲགས་ཀྱི་ནང་དོན་དེ་གའི་རྒྱུན་ལས་ཁང་གི་བསྒྲགས་གཏམ་མཁྱེན་རྟོགས་སླད་འདི་མཉམ་སྦྲགས་ཡོད། 

keyboard_arrow_up