རྡོ་རྗེ་གདན་གྱི་འབར་མདེལ་གཏོར་རྒོལ་ཁྲོད་གཏེར་སྒར་དགོན་གྱི་འཛིན་ཁང་ལ་འབར་མདེལ་ཐོར་འདུག དགོན་པའི་འགན་འཛིན་གྱི་གསུངས་གསལ།

ཁ་སང་འབར་མདེལ་གསུམ་དགོན་པའི་རྒྱབ་ལོགས་སུ་ཡོད་པའི་འཛིན་གྲྭ་ཡོད་སར་ཞོགས་པའི་ཆུ་ཚོད་ ༥།༤༠ཡས་མས་སུ་འཐོར་ཡོད་པ་དེས། འཛིན་ཁང་གི་སྒོ་དང་སྒེའུ་ཁུང་ལ་གཏོར་སྐྱོན་བཟོས་ཡོད་པ་ལས་མི་ལ་གནོད་འཚེ་གང་ཡང་ཕོག་མེད། གཞན་ཉེན་རྟོག་པས་འབར་མདེལ་གཅིག་རྙེད་སོན་བྱུང་ཡོད་པ་ནི་དགོང་མོའི་ཆུ་ཚོད་ ༦ ཙམ་འགད་རྒྱུའི་ཆུ་ཚོད་བསྒྲིགས་འདུག་ཟེར་” ཞེས་བརྗོད་བྱུང་།

“སྤྱིར་རྡོ་རྗེ་གདན་དུ་ནང་པའི་དགོན་པ་ ༥༥ ཙམ་ཡོད་པ་ལས། ཐེངས་འདིར་རྩ་ཆེ་ཤོས་མཆོད་རྟེན་ཆེན་མོ་དང་ཉི་ ཧོང་སྟོན་པའི་སྐུ་བརྙན་ཆེ་མོ། གཏེར་སྒར་དགོན་པ་བཅས་གསུམ་ལ་གཏོར་རྒོལ་བཏང་པ་ཞིག་ཆགས་ཡོད་རེད། ཡིན་ནའང་གཏོར་རྒོལ་དོན་རྐྱེན་འདིའི་ཐད་ཚང་མས་ཞེ་སྡང་ཁོང་ཁྲོ་མི་གནང་པར་ཐུགས་སྣང་དང་བྱང་ཆུབ་ཀྱི་སེམས་ སྒོམ་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད་”ཅེས་འབོད་སྐུལ་གནང་སོང་།

གཞན་ཐེངས་འདིར་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་དྲག་སྤྱོད་པས་འབར་མདེལ་གཏོར་པའི་དོན་རྐྱེན་ཐད།  ༧གོང་ས་མཆོག་གིས་གཏོར་རྒོལ་དེར་བློ་ཕམ་ཆེན་པོ་ཡོད་ཚུལ་དང་། དེ་ནི་གང་ཟག་རེ་འགའི་བྱ་སྤྱོད་ཅིག་ཡིན་པས་  གནས་ཚུལ་ཚབས་ཆེན་ཞིག་ཏུ་གཙི་དགོས་དོན་མེད་སྐོར་དང་། དེ་བཞིན་རྒྱལ་བ་ཀརྨ་པ་མཆོག་གིས་དྲག་གཏོར་གྱི་ གནས་ཚུལ་དེ་ཐོས་བར་བློ་ཕམ་ཆེན་པོ་བྱུང་ཡང་། བྱ་སྤྱོད་དེའི་ལན་དུ་སྟོན་པའི་བསླབ་བྱ་བརྩེ་བ་དང་ཞི་བ་ལག་ལེན་བྱ་དགོས་སྐོར་གསུངས་འདུག་ལ། སྲིད་སྐྱོང་མཆོག་གིས་ཀྱང་སེམས་འཚབ་དང་རྨས་སྐྱོན་ཕོག་མཁན་དང་ཁོང་ཚོའི་ནང་མིར་གདུང་སེམས་མཉམ་སྐྱེད་ཡོད་པའི་གསལ་བསྒྲགས་སྤེལ་འདུག

keyboard_arrow_up