དེ་རིང་ཕྱི་དྲོ་དབུས་བོད་མིའི་སྒྲིག་འཛུཊ་ཀྱིས་ཉེ་ལམ་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་ཞིག་གནང་ཡོད།

དེ་རིང་ཕྱི་ཚེས་༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༠༠ ཐོག དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཟླ་སྔོན་མའི་ནང་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གྲོངས་ཟིན་པའི་ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོའི་རང་ལོ་ ༢༠ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་དང་། རང་ལོ་ ༢༥  ཡིན་པའི་བསྟན་འཛིན་ལགས། མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ་སྐེད་སྡེ་པའི་རང་ལོ་  ༢༤ ཡིན་པའི་ལྷ་མོ་ཚེ་བརྟན་ལགས། བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་གི་རང་ལོ་ ༢༣ ཡིན་པའི་ཐུབ་དབང་སྐྱབས་ལགས་བཅས་གཙོས། བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་བཏང་བའི་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་རྗེས་དྲན་ཆེད། རྣམ་གྲྭ་མཁན་ཟུར་བྱ་དོར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག  སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གྱི་རིས་མེད་ཆོས་སྡེ་ཁག་དགེ་བཙུན་སྔགས་གསུམ། དེ་བཞིན། སློབ་ཕྲུག་དང་མི་མང་ཕྱི་རྒྱལ་བ་བཅས་མི་གྲངས་ ༡༠༠༠ ཡས་མས་འདུ་འཛོམས་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་གནང་ཡོད།

keyboard_arrow_up