འདོན་སྤེལ། ༢༠༡༣/༠༣/༡༠

དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཉིན་བོད་ནང་དུ་གྲྭ་བ་གསུམ་གྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་འདུག

དེ་རིང་སྔ་དྲོར་ཟི་ཁྲིན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་ཟེར་བའི་ནང་གི་རྫ་ཆུ་ཁ། མང་དགེ་དགོན་པའི་དགེ་འདུན་པ་བློ་བཟང་བསམ་གཏན་དང་། གཅེས་ཕྲུག རྣམ་མེ་ཚེ་རིང་གསུམ་གྱིས་སེལ་ཤུལ་རྫོང་ཐོག་ནས་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་འབྱོར་ཏེ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག དེའི་རྗེས་སེར་ཤུལ་རྫོང་གི་གྲོང་ཡོངས་སུ་དམག་མིས་དམ་དྲག་བྱེད་ཀྱིན་ཡོད་འདུག

keyboard_arrow_up