ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༣ ཉིན་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་བོད་བསྟན་ སྲིད་དང་ མི་རིགས་རང་དབང་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་བའི་ གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་ རྗེས་དྲན་ཞུ་མཚོན་སླད་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་ དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་ དང་འབྲེལ།  དགོངས་མཆོད་སྨོན་ལམ་གྱི་ཚོགས་ མགོན་དུ་རྣམ་གྲྭ་མཁན་ཟུར་བྱ་དོར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ།   མི་མང་བཅས་འདུ་འཛོམས་ ཀྱིས་མཆོད་འབུལ་སྨོན་ལམ་གསུངས་འདོན་གནང་མུར་རྣམ་གྲྭའི་དགེ་བསྐོས་ནས་སྐྱབས་ཐོ་ སྒྲོགས་སྦྱང་གནང་། འདུས་ཚོགས་སུ་བསྙེན་བཀུར་གསོལ་ཇ་བཞེས་བག་དང་སྐུ་འགྱེད་ ཧིན་སྒོར་ ༥༠ རེ་དང་གསོལ་ཚོགས་བཅས་ཕུལ་ཏེ་བསྔོ་སྨོན་མཆོད་འབུལ་ཟབ་རྒྱས་ཞིག་སྨིན་སྒྲུབ་ཞུས་ཐུབ་པ་བྱུང་།

 

 

keyboard_arrow_up