སུད་སིའི་ཨོ་ཀྲོ་ཝིལ་ཨམ་སི་གྲོང་སྡེའི་སྤྱི་ཁྱབ་ཚོགས་གཙོ་གངས་གཞོན་ཚང་རྣམ་རྒྱལ་ལགསདང་སྤྱི་ཟུར་གངས་གཞོན་ཚང་ངག་དབང་ལགས་བཞུགས་སྒར་དུ་ཕེབས་པ་དང་སྟབས་བསྟུན། འདི་ག་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢ ཉིན་མཇལ་འཕྲད་ཀྱིས་འཚམས་འདྲི་དང་སྦྲགས། གངས་གཞོན་ཚང་རྣམ་རྒྱལ་ལགས་ཀྱི་ཡབ་ངག་དབང་ལགས་ནས་ད་བར་བོད་མིའི་སྤྱི་ཚོགས་ནང་ཕྱག་ལས་མང་དག་ཞིག་གནང་ནས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཡོད་པ་བཞིན། དེ་དེ་བཞིན་སྐུ་ཉིད་ནས་སུད་སི་གྲོང་སྡེའི་ཚོགས་གཙོའི་ལས་ཡུན་རིང་མ་ཚོགས་ཀྱི་ཡིད་ཆེས་དང་རེ་བ་གནང་བ་བཞིན་ལས་དོན་ཁག་ལ་རླབས་ཆེན་གྱི་མཛད་རྗེས་འགྲན་ཟླ་འབྲལ་བ་འཇོག་ཏེ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་སྨོན་ཞུས་པ་དང་ཆབས་ཅིག དབུས་གཙང་ཆོལ་ཁའི་ངོས་ནས་དཔར་བསྐྲུན་ཞུས་པའི་དབུས་གཙང་ལོ་རྒྱུས་ཆེན་མོའི་ཕྱག་དེབ་པོད་གསུམ་འབུལ་ལམ་ཞུས།

keyboard_arrow_up