༄༅། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ ཉིན་དགོང་དྲོའི་ཕྱག་ཚོད་ ༧།༠༠ ཐོག་བོད་གཞུང་མང་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པར་ཕེབས་པའི་དབུས་གཙང་ཆོལ་ཁའི་ཁྱབ་ཁུངས་ཚོགས་བཅར་བ་རྣམས་ལ་སྣེ་ལེན་དང་འབྲེལ་གསོལ་ཚིགས་སྟབས་བདེ་ཞིག་ཡོངས་གླིང་སློབ་གྲྭ་རུ་འདེགས་འབུལ་ཞུས་པ་ལགས་ན། སྣེ་ལེན་གསོལ་ཚིགས་སྐབས་ལ་ཚོགས་བཅར་བ་ ༨༠ ལྷག་ཙམ་ཕེབས་པ་མ་ཟད་བཀུར་འོས་སྤྱི་འཐུས་དྲུག་མཉམ་ཞུགས་གནང་ཐུབ་པ་བྱུང། ཚོགས་གཙོ་མཆོག་གིས་སྣེ་ལེན་འཚམས་འདྲིའི་གསུངས་བཤད་དང་འབྲེལ་ཕྱི་ཚེས་ ༣༠ ནས་བཟུང། ཉིན་གསུམ་རིང་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཚོགས་ཆེན་རྒྱས་པ་དང་འགན་འཛིན་ལྷན་ཚོགས་ཐེངས་ ༡༡ པ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ ཚོགས་ཁང་དུ་བསྐོངས་ཚོགས་གནང་རྒྱུ་ཡིན་པས་ཚོགས་ཆེན་དུ་ཕྱོགས་མཐའ་ནས་ ཕེབས་པའི་སྐུ་མགྲོན་ཚང་མ་མཉམ་ཞུགས་ཡོང་བའི་འབོད་བསྐུལ་ཡང་ཞུས་ཡོད།

keyboard_arrow_up